林芝市农业农村局

政府信息公开

བོད་རང་སྐྱོང་ལྗོངས་ཀྱི་2018ནས་2020ལོའི་བར་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་དངུལ་ལག་བསྟར་བྱེད་ཐབས།(2019ལོར་བཟོ་...

发布时间:2020-05-12   浏览次数:   【字体:

བོད་རང་སྐྱོང་ལྗོངས་ཀྱི་2018ནས་2020ལོའི་བར་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་དངུལ་ལག་བསྟར་བྱེད་ཐབས།2019ལོར་བཟོ་བཅོས་བརྒྱབ་པའི་པར་མ་

      དང་པོ།  སྤྱིའི་བླང་བྱ།

       ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།   གྲོང་གསེབ་དར་རྒྱས་ཡོང་བར་བྱེད་པའི་འཐབ་ཇུས་ལ་དམ་པོར་དམིགས་ནས་ཞིང་ལས་ཀྱི་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་དང་ཞིང་ལས་འཕྲུལ་ཆས་ཅན་དུ་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་པོས་འཕེལ་རྒྱས་ནུས་ལྡན་གཏོང་བའི་གཞི་རྩའི་བླང་བྱ་གཞིར་བཟུང་།   ནས་གཙོ་བོར་བྱེད་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་གཏོང་བའི་དགོས་མཁོ།   དེ་བཞིན་ཕྱུགས་འཚོ་གཟན་རྩྭའི་ལས་རིགས་འཕེལ་རྒྱས་གཏོང་བའི་དགོས་མཁོ་འགན་ལེན།   རང་རེའི་ལྗོངས་ཀྱི་ཞིང་འབྲོག་ལས་ཕྱོགས་ཡོངས་ནས་རིམ་སྤར་དང་ཞིང་འབྲོག་ཁུལ་ཕྱོགས་ཡོངས་ནས་ཡར་རྒྱས།   ཞིང་འབྲོག་མང་ཚོགས་ཕྱོགས་ཡོངས་གོང་འཕེལ་བཅས་ལ་དངོས་པོའི་ལག་རྩལ་གྱི་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱེད་པ།   འབྱུང་འཕྲོད་སྐྱེ་ཁམས་ཀྱི་འཛིན་ཕྱོགས་རྒྱུན་འཁྱོངས་ཀྱིས་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ།   གནད་ལ་འཁེལ་ཞིང་ཕན་འབྲས་མཐོ་བའི་ཞིང་ལས་འཕྲུལ་ཆས་ཅན་གྱི་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ནས་ཞིང་ལས་འབྱུང་འཕྲོད་གོང་འཕེལ་ལ་སྐུལ་འདེད་གཏོང་བ།   ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཀྱིས་ལག་རྩལ་སྔོན་ཐོན་གྱི་ཞིང་འཕྲུལ་ཐོན་རྫས་ཁྱབ་གདལ་མགྱོགས་སུ་བཏང་ནས་ཞིང་འཕྲུལ་ལས་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་གཏོང་བ།    ཀུན་ཕན་མཉམ་སྤྱོད་ལ་སྐུལ་འདེད་ཀྱིས་ཁ་གསབ་ཁྱབ་ཁོངས་ནང་གི་འཕྲུལ་ཆས་ལ་ཀུན་ཁྱབ་ཁ་གསབ་སྤྲོད་པ།   མཐའ་མཚམས་ས་ཁུལ་དང་དཀའ་ངལ་ཆེ་བའི་ས་ཁུལ།   ཞིང་ལས་འཕྲུལ་ཆས་ཅན་ཉམས་ཞན་ཡིན་པའི་ས་ཁུལ་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།   ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུར་སྐུལ་འདེད་ཀྱིས་སྲིད་ཇུས་ཐད་ཀྱི་ཐོབ་སྣང་ཆེ་རུ་གཏོང་བ།    སྒྲིག་འཛུགས་དང་དོ་དམ་གསར་གཏོད་ཀྱིས་ལམ་ལུགས་ཅན་དང་ཆ་འཕྲིན་ཅན།   སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ།   ཁ་དན་ཚིག་གནས་མེད་པའི་སྒྲིག་འགལ་བྱ་སྤྱོད་ལ་ཆད་པ་ནན་པོ་གཅོད་པ།   མ་ལག་རང་བཞིན་གྱི་སྒྲིག་འགལ་ཉེན་ཁ་སྔོན་འགོག་གིས་སྲིད་ཇུས་ཚད་དང་མཐུན་ཞིང་སྤྱོད་གཙང་།  ཕན་འབྲས་མཐོ་བ་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ།  སྤྱི་དམངས་བློ་ཡིད་ཚིམ་ཚད་དང་སྲིད་ཇུས་ལག་ལེན་དུ་འཁྱོལ་ཚད་ཟམ་མི་ཆད་མཐོ་རུ་གཏོང་བ་བཅས་བྱ་རྒྱུ།

གཉིས་པ། ཁ་གསབ་སྤྲོད་པའི་ཁྱབ་ཁོངས་དང་ཁ་གསབ་སྤྲོད་པའི་འཕྲུལ་ཆས།   བརྒྱུད་འཚོང་བྱེད་མཁན་ཁེ་ལས།

         ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་དང་ཞིང་ལས་འཕྲུལ་ཆས་ཅན་དུ་གོང་འཕེལ་གཏོང་བའི་དོན་དངོས།   དེ་བཞིན་གཞི་རྩའི་ཐོན་སྐྱེད་ཀྱི་དགོས་མཁོ་གཞིར་བཟུང་།   ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ།   བོད་རང་སྐྱོང་ལྗོངས་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ལ་ཁ་གསལ་སྤྲོད་པའི་འཕྲུལ་ཆས་ཀྱི་རིགས་དང་ཁྱབ་ཁོངས་རིགས་ཆེ་བ་14དང་རིགས་ཆུང་བ་32   སྣ་གྲངས་84བཅས་གཏན་འཁེལ་བྱས་ཡོད།   དེའི་ནང་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་མ་དངུལ་གྱིས་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་ནི་རིགས་ཆེ་བ་5དང་རིགས་ཆུང་བ་9  སྣ་གྲངས་10བཅས་ཡོད་པ་དང་།   ཁ་གསབ་སྤྲོད་པའི་ཁྱབ་ཁོངས་སུ་བཅུག་པའི་འཕྲུལ་ཆས་ལ་ལོ་འཁོར་མོའི་ཁ་གསབ་མ་དངུལ་ཚོད་འཛིན་གྲངས་འབོར་ནང་ཚུན་དུ་ཚང་མར་ཁ་གསབ་སྤྲོད་རྒྱུ།

         སླད་ཕྱིན་རང་རེའི་ལྗོངས་ཀྱི་ཁ་གསབ་སྤྲོད་པའི་འཕྲུལ་ཆས་ཀྱི་རིགས་སུ་གཏན་འཁེལ་བྱེད་སྐབས་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོ་ཐོན་སྐྱེད་བྱེད་པའི་འཕྲུལ་ཆས་དང་ས་སྦོལ་ས་སྙོམ།   རྨོ་མེད་ཐད་འདེབས།    འདེབས་སྲུང་ནུས་ལྡན།   ཆུ་འདྲེན་གྲོན་ཆུང་།   ལུད་འདེབས་ནུས་ལྡན།   སོག་མ་ཞིང་འཇོག་ཕྱིར་འདྲེན།   འགྱིག་ཤོག་རོ་ཏོ་ཚུར་བསྡུ།   སྒོ་ཕྱུགས་དང་ཁྱིམ་བྱའི་བཙོག་པ་ཐོན་ཁུངས་སུ་བེད་སྤྱོད།   ན་ཤི་ཐེབས་པའི་སྒོ་ཕྱུགས་དང་ཁྱིམ་བྱ་གནོད་མེད་ཅན་དུ་ཐག་གཅོད་བྱེད་པ་སོགས་ཞིང་ལས་འབྱུང་འཕྲོད་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་འཕྲུལ་ཆས་ཀྱི་ཁ་གསབ་སྤྲོད་རྒྱུའི་དགོས་མཁོ་སྔོན་ལ་སྐོང་རྒྱུ་དང་།   དེ་ནས་རིམ་བཞིན་མང་པོ་ཡོད་ལ་ལག་རྩལ་ལྟོས་བཅས་ཐོག་རྗེས་ལུས་ཡིན་པ།   དགོས་མཁོ་དེ་ཙམ་མེད་པ་བཅས་ཀྱི་འཕྲུལ་ཆས་རྣམས་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་ནང་ནས་འབུད་རྒྱུ།   ཁ་གསབ་སྤྲོད་པའི་ཁྱབ་ཁོངས་སྤྱིའི་ཆར་བརྟན་པོ་ཡོང་བ་བྱ་རྒྱུ་དང་།   དགོས་ངེས་སྐབས་ལྗོངས་ཡོངས་ཀྱི་ཞིང་འཕྲུལ་ཅན་གོང་འཕེལ་གཏོང་བའི་དགོས་མཁོ་གཞིར་བཟུང་ལེགས་སྒྲིག་གང་ལ་གང་འཚམ་བྱ་རྒྱུ།

         ཁ་གསབ་སྤྲོད་པའི་འཕྲུལ་ཆས་ནི་ངེས་པར་དུ་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་ནང་ཚུད་པའི་ཐོན་རྫས་ཡིན་དགོས་པ་དང་།  ཆབས་གཅིག་གཤམ་གསལ་གྱི་ནུས་བབ་གྲས་གཅིག་ཡོད་ན་ཀྲུང་དབྱང་ནོར་སྲིད་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་མ་དངུལ་སྤྱད་ནས་ཁ་གསབ་སྤྲོད་རྒྱུ།   1ཞིང་ལས་འཕྲུལ་ཆས་ཚོད་ལྟའི་ཆོད་སྡོམ་དཔང་ཡིག་ཐོབ་པཞིང་ལས་འཕྲུལ་ཆས་ཁྱབ་སྤེལ་ཆོད་སྡོམ་དཔང་ཡིག)(2ཞིང་འཕྲུལ་གྱི་བཙན་ཐབས་རང་བཞིན་གྱི་ཐོན་རྫས་ཁས་ལེན་ར་སྤྲོད་དཔང་ཡིག་ཐོབ་པ།   3ཞིང་འཕྲུལ་གྱི་འདོད་མོས་རང་བཞིན་གྱི་ཁས་ལེན་ར་སྤྲོད་ཆ་འཕྲིན་བསྡུ་ལེན་ཚོད་ལྟའི་ཁྱབ་ཁོངས་སུ་བཅུག་ནས་ཞིང་འཕྲུལ་གྱི་འདོད་མོས་རང་བཞིན་གྱི་ཁས་ལེན་ར་སྤྲོད་དཔང་ཡིག་ཐོབ་པ།    ཁ་གསབ་དངུལ་སྤྲོད་པའི་ཁྱབ་ཁོངས་ནང་གི་རང་འདེམས་རིགས་ཀྱི་འཕྲུལ་ཆས་ལ་གཤམ་གསལ་གྱི་ནུས་བབ་གྲས་གཅིག་ཡོད་ཚེ་ཀྲུང་དབྱང་ནོར་སྲིད་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་མ་དངུལ་སྤྱད་ནས་ཁ་གསབ་སྤྲོད་རྒྱུ།   1རྒྱལ་ཁབ་ཀྱི་CMAནུས་བབ་ཞིབ་བཤེར་ཚད་ལེན་ཚན་པས་བཏོན་པའི་CMAམཚོན་རྟགས་ཡོད་པའི་བརྟག་དཔྱད་སྙན་ཞུ་ཐོབ་པ། 2བོད་རང་སྐྱོང་ལྗོངས་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་དངུལ་སྤྲོད་པའི་རང་འདེམས་འཕྲུལ་ཆས་ཀྱི་སྔོན་ཐོན་རང་བཞིན་དང་བདེ་འཇགས་རང་བཞིན།  སྤྱོད་འཐུས་རང་བཞིན་བཅས་ཀྱི་དཔང་ཡིག་ཐོབ་པ།   དེ་ནི་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་བཏོན་པ།

ཁ་གསབ་དངུལ་སྤྲོད་པའི་འཕྲུལ་ཆས་ཐོག་མངོན་གསལ་དོད་སར་ཐོན་སྐྱེད་བྱེད་མཁན་ཁེ་ལས་དང་ཐོན་རྫས་ཀྱི་མིང་།  རིགས།   བཟོ་གྲྭ་ནས་ཐོན་པའི་ཨང་གྲངས།   ཐོན་སྐྱེད་བྱས་པའི་དུས་ཚོད།   ལག་བསྟར་ཚད་གཞི་སོགས་ཀྱི་ཆ་འཕྲིན་འཁོད་པའི་ཡུན་གནས་རང་བཞིན་གྱི་མིང་བྱང་ཡོད་དགོས།    ཁ་གསབ་སྤྲོད་པའི་ཞིང་འཕྲུལ་ལ་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ལོ་འཁོར་བཞིན་ཡིག་ཚགས་བཟོ་དགོས་པ་དང་ཐོན་རྫས་ཀྱི་ཡིག་ཚགས་ཆ་འཕྲིན་སྤྱི་ཚོགས་ཐོག་སྤྱི་བསྒྲགས་བྱེད་དགོས།

ཁ་གསབ་སྤྲོད་པའི་ཐོན་རྫས་བརྒྱུད་འཚོང་ཁེ་ལསགཤམ་དུ་བརྒྱུད་འཚོང་ཚོང་དུད་ཅེས་བརྗོད་རྒྱུདེ་ཞིང་འཕྲུལ་ཐོན་སྐྱེད་ཁེ་ལས་ཀྱིས་རང་རྟོགས་ངང་གཏན་འཁེལ་དང་ཁྱབ་བསྒྲགས་བྱས་ནས་བརྒྱུད་འཚོང་ཚོང་དུད་ཀྱིས་ཁ་གསབ་སྤྲོད་པའི་སྲིད་ཇུས་ཀྱི་གཏན་འབེབས་ཁག་ལ་བརྩི་སྲུང་ཞུ་དགོས་པའི་ཁྲིད་སྟོན་དང་ལྟ་སྐུལ་བྱེད་དགོས་པ་མ་ཟད།   བརྒྱུད་འཚོང་ཚོང་དུད་ཀྱི་སྒྲིག་འགལ་བྱ་སྤྱོད་ཐད་ལེ་འབྲེལ་གྱི་འགན་འཁུར་དགོས།

གསུམ་པ།   ཁ་གསབ་དངུལ་སྤྲོད་ཡུལ་དང་ཁ་གསབ་དངུལ་གྱི་ཚད་གཞི།

ཁ་གསབ་དངུལ་སྤྲོད་ཡུལ་ནི་རང་རེའི་ལྗོངས་སུ་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཀ་བྱེད་མཁན་མི་སྒེར་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགསགཤམ་དུ་འཕྲུལ་ཆས་ཉོ་མཁན་ཞེས་བརྗོད་རྒྱུཡིན།   དེའི་ཁྲོད་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཁོངས་སུ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་ཞིང་འབྲོག་མང་ཚོགས་ཀྱི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས།   ཞིང་ལས་ཁེ་ལས།   དེ་བཞིན་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་ལས་ཀ་བྱེད་མཁན་རྩ་འཛུགས་བཅས་ཚུད་ཡོད།    འཕྲུལ་ཆས་ཉོ་མཁན་གྱིས་ས་ཆ་གཞན་ནས་ཁ་གསབ་དངུལ་རེ་ཞུ་བྱེད་ཆོག    ཞིང་དུད་དཀྱུས་མའི་འཕྲུལ་ཆས་ཉོ་དབང་འགན་ལེན་གང་ལེགས་བྱེད་པའི་ཆ་རྐྱེན་འོག   ཡུལ་བབ་དང་བསྟུན་ནས་ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་གོང་འཕེལ་གཏོང་བར་སྐུལ་ལྕག་གིས་ཞིང་འཕྲུལ་ལས་སྒྲུབ་ཆེད་ལས་ཅན་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

ཞིང་འཕྲུལ་ཉོ་སྒྲུབ་ལ་ཁ་གསབ་དངུལ་སྤྲོད་པའི་ཐད་གྲངས་བཅད་ཁ་གསབ་ལག་བསྟར་བྱ་རྒྱུ་དང་།   ཁ་གསབ་ཚད་གཞི་ནི་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིསཞིང་ལས་པུའུ་གཞུང་དོན་ཐིང་དང་ནོར་སྲིད་པུའུ་གཞུང་དོན་ཐིང་གི་བོད་ལྗོངས་དང་ཤིན་ཅང་ལྷོ་རྒྱུད་ས་ཁུལ་དུ་དབྱེ་བ་ཅན་གྱི་ཞིང་འཕྲུལ་ཉོ་སྒྲུབ་ལ་ཁ་གསབ་སྤྲོད་པའི་ཚོད་ལྟའི་ལས་དོན་སྐོར་གྱི་བརྡ་ཐོ》(ཞིང་གཞུང་ནོར2017ཡིག་ཨང་19པསོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།   རིམ་པ་མཚུངས་པའི་ཐོན་རྫས་ཀྱི་ཁྲོམ་རའི་བྲིན་འཚོང་ཆ་སྙོམས་རིན་གོང་ལྟར་ཚད་ལེན་རྩིས་རྒྱག་བྱ་རྒྱུ་མ་ཟད་ལོ་ལྟར་ལེགས་སྒྲིག་བྱ་རྒྱུ།   ཁ་གསབ་དངུལ་གྲངས་རེའུ་མིག་སྤྱི་ཚོགས་ཐོག་སྤྱི་བསྒྲགས་བྱ་རྒྱུ།    ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་སྤྲོད་པའི་ཐོན་རྫས་རིགས་དང་རང་སྐྱོང་ལྗོངས་ཀྱི་རང་འདེམས་རིགས་ཀྱི་ཁ་གསབ་སྤྲོད་པའི་ཐོན་རྫས་ཀྱི་ཁ་གསབ་དངུལ་གྲངས་ཚད་ལེན་རྩིས་རྒྱག་བྱེད་པའི་བསྡུར་ཚད་དེ་ཁྲོམ་རའི་བྲིན་འཚོང་ཆ་སྙོམས་རིན་གོང་གི་30ལས་མི་བརྒལ་བ་བྱ་རྒྱུ།   རིགས་ཞིབ་ཕྲ་དང་འབྲེལ་བ་ཡོད་པའི་ཐོན་རྫས་ཀྱི་ཁ་གསབ་དངུལ་གྲངས་དེ་ཐོན་རྫས་ཀྱི་ཡིག་ཚགས་ནང་འཁོད་པའི་ཆ་འཕྲིན་ནམ་ཞིང་འཕྲུལ་ཉོ་སྒྲུབ་ལ་ཁ་གསབ་སྤྲོད་པའི་ཆ་འཕྲིན་རམ་འདེགས་དོ་དམ་མ་ལག་ནང་གི་ཁ་གསབ་དངུལ་གྲངས་ཆ་འཕྲིན་ལྟར་ལག་བསྟར་བྱ་རྒྱུ།

ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་བྱེད་པོཞིང་འཕྲུལ་ལས་སྒྲུབ་ཞབས་ཞུ་ཀུང་སི་ཚུད་ཡོདདང་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཁག་གིས་རྟ་ཤུགས་50ཡན་གྱི་འདྲུད་འཐེན་འཁོར་ལོ་དང་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར།   དེ་བཞིན་འབྲུ་སྣུམ་དང་གཟན་རྩྭ་ཐོན་སྐྱེད་ཀྱི་ཞིང་ལས་འཕྲུལ་ཆས་ཉོས་ཚེ།   ཁ་གསབ་སྤྲོད་པའི་བསྡུར་ཚད་དེ་50ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ།   ཁ་གསབ་དངུལ་གྲངས་ཞིབ་ཕྲ་ཁ་གསབ་དངུལ་སྤྲོད་མཁན་ཚན་པས་ཚད་ལེན་རྩིས་རྒྱག་བྱ་རྒྱུ།  ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་ནས་ཁ་གསབ་སྤྲོད་པའི་དངུལ་གྲངས་ལས་བརྒལ་བའི་ཆ་རྣམས་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ཀྱིས་ཐག་གཅོད་བྱ་རྒྱུ།   བརྒལ་བའི་ཁ་གསབ་དངུལ་གྲངས་དེ་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་གྱིས་ཁ་གསབ་བྱེད་པའི་དངུལ་གྲངས་ལས་བརྒལ་མི་ཆོག   དེ་མིན་གྱི་གཏན་འབེབས་གཞན་ནི་འཕྲུལ་ཆས་ཉོ་མཁན་དཀྱུས་མ་དང་གཅིག་པ་ཡིན།   དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་མཁན་ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་དང་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལ་ཐོབ་པའི་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་དངུལ་རྣམས་མ་རྐང་ལ་ཕབ་ནས་དཀའ་ངལ་ཡོད་པའི་ཐེམ་དུད་ལ་བགོ་དགོས།   ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་ལོངས་སྤྱོད་བྱེད་མཁན་ཞིང་འཕྲུལ་ཅན་གྱི་ལས་སྒྲུབ་ཞབས་ཞུ་ཀུང་སིར་ཐོབ་པའི་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་མ་དངུལ་རྣམས་མ་རྐང་ལ་ཕབ་ནས་ཡུལ་དེའི་ཤང་གྲོང་རྡལ་སྲིད་གཞུང་ངམ་སྲིད་འཛིན་གྲོང་ཚོརགྲོང་ལྷནརྩིས་སྤྲོད་དགོས།   དེའི་མ་རྐང་གི་ཕན་འབྲས་རྣམས་ཡུལ་དེའི་དབུལ་གྲོལ་འགག་སྒྲོལ་སྲ་བརྟན་དུ་གཏོང་བའི་ཐད་སྤྱོད་དགོས།   འཕྲུལ་ཆས་ཉོ་མཁན་དཀྱུས་མས་ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་བྱེད་པོ་དང་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་མིང་ཐོག་ནས་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་མི་ཆོག

སྤྱིར་བཏང་གི་ཁ་གསབ་སྤྲོད་པའི་འཕྲུལ་ཆས་གཅིག་ལ་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་དངུལ་གྲངས་རྩ་དོན་ཐོག་སྒོར་ཁྲི་5ནས་མི་བརྒལ་བ་བྱ་རྒྱུ།   རྟ་ཤུགས་100ཡན་གྱི་འདྲུད་འཐེན་འཁོར་ལོ་དང་།   ལས་ཕྱོད་ཆེ་བའི་གཟན་རྩྭ་བརྔ་བསྡུ་འཕྲུལ་འཁོར།    རྨོ་མེད་ཐད་འདེབས་འཕྲུལ་འཁོར།   མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་བཅས་འཕྲུལ་འཁོར་གཅིག་ལ་ཁ་གསབ་དངུལ་གྲངས་སྒོར་ཁྲི་15ནས་མི་བརྒལ་བ་བྱ་རྒྱུ།   རྟ་ཤུགས་200ཡན་གྱི་འདྲུད་འཐེན་འཁོར་ལོ་གཅིག་ལ་ཁ་གསབ་དངུལ་གྲངས་སྒོར་ཁྲི་25ནས་མི་བརྒལ་བ་བྱ་རྒྱུ།   ལག་རྩལ་གྱི་འདུས་ཚད་མཐོ་པོ་མེད་ཅིང་ས་ཁོངས་སུ་འདང་ངེས་ཡོད་པའི་འཕྲུལ་འཁོར་རིགས་ལ་སླད་ཕྱིན་ཁ་གསབ་དངུལ་གྲངས་རིམ་བཞིན་ཉུང་དུ་གཏོང་རྒྱུ།   འཕྲུལ་ཆས་ཉོ་མཁན་གཅིག་གིས་ལོ་གཅིག་ནང་ཁ་གསབ་ལོངས་སུ་སྤྱད་པའི་འཕྲུལ་ཆས་ཉོ་ཚད་མང་ཤོས་སུ་འཕྲུལ་ཆས་2ཡིནའདྲུད་འཐེན་འཁོར་ལོ་དང་།    རྨོ་འདེབས་བསྡུ་གསུམ་གྱི་སྡེབ་སྒྲིག་འཕྲུལ་ཆས་2ཏེ་ཁྱོན་བསྡོམས་འཕྲུལ་ཆས་8ཉོ་སྒྲུབ་རེ་ཞུ་བྱེད་ཆོག    ཞིང་འཕྲུལ་ཆེད་ལས་ཐེམ་དུད་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་དེ་ཉིད་ཉོ་སྒྲུབ་རེ་ཞུའི་ཚན་པ་གཅིག་ཏུ་བརྩིས་ནས་རྫོང་ཆུདསྲིད་ཇུས་དོན་འཁྱོལ་འགོ་ཁྲིད་ཚོགས་ཆུང་གིས་དགོས་མཁོ་ངོ་མ་གཞིར་བཟུང་ཁ་གསབ་སྤྲོད་པའི་ཁ་གྲངས་ཀྱི་ཚོད་འཛིན་ལྷུག་ཏུ་གང་ལ་གང་འཚམ་གཏོང་ཆོག

ཁྲོམ་རའི་རིན་གོང་ལ་འཕར་ཆག་རང་བཞིན་ལྡན་པར་བརྟེན།   སྲིད་ཇུས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད།  ཐོན་རྫས་ཞིབ་ཕྲ་དང་རིམ་པ་ཞིབ་ཕྲའི་དངོས་སུ་སྤྲོད་པའི་ཁ་གསབ་ཀྱི་བསྡུར་གྲངས་དེ་30ཡས་མས་ཀྱི་ཁྱབ་ཁོངས་ནང་སྤར་བཅག་བྱས་ཀྱང་སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་ཡོད།   ཁ་གསབ་དངུལ་གྱི་སྤྱི་འབོར་དེ་བྲིན་འཚོང་རིན་གོང་གི་50ནས་བརྒལ་མི་ཆོག    ས་གནས་གྲོང་ཁྱེར་དང་རྫོང་ཆུདགི་རིམ་ཁག་སྲིད་ཇུས་དོ་དམ་ཚན་པས་ཐོན་རྫས་ཀྱི་དངོས་སུ་སྤྲད་པའི་ཁ་གསབ་ཀྱི་བསྡུར་གྲངས་མངོན་གསལ་གྱིས་མཐོ་དྲགས་པ་ཤེས་རྟོགས་བྱུང་ཚེ།   ལམ་སེང་གོང་ལ་སྙན་སེང་ཞུ་དགོས།   རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་སྒྲིག་འཛུགས་ཐོག་བརྟག་དཔྱད་བྱ་རྒྱུ།   སྒྲིག་སྲོལ་ལས་འགལ་བའི་གནས་ཚུལ་ཐད།   བོད་རང་སྐྱོང་ལྗོངས་ཞིང་འཕྲུལ་ཉོ་སྒྲུབ་ལ་ཁ་གསབ་སྤྲོད་པའི་ཐོན་རྫས་སྒྲིག་འགལ་ཚོང་གཉེར་གྱི་བྱ་སྤྱོད་ཐག་གཅོད་ཞིབ་སྲོལཚོད་ལྟའི་ལག་བསྟར)》གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།   སྒྲིག་འགལ་བྱ་སྤྱོད་མེད་པ་མ་ཟད་ཐོན་རྫས་ཉོས་ཟིན་མཁན་ལ་གཏན་འབེབས་རྙིང་པ་ལྟར་འབྲེལ་ཡོད་འགྲོ་ལུགས་གཉེར་རྒྱུ།   དེས་མ་ཚད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་གནས་ཚུལ་ལ་གཞིགས་ནས་ཐོན་རྫས་དེའི་ཁ་གསབ་དངུལ་གྲངས་ལེགས་སྒྲིག་བྱ་རྒྱུ།

བཞི་པ།    མ་དངུལ་བགོ་འགྲེམས་དང་བེད་སྤྱོད།

ཞིང་འཕྲུལ་ཉོ་སྒྲུབ་ལ་ཁ་གསབ་སྤྲོད་པའི་འགྲོ་གྲོན་ནི་གཙོ་བོ་སྔོན་ཐོན་ཡིན་ཞིང་གོ་ཆོད་པའི་ཞིང་ལས་འཕྲུལ་ཆས་ཉོ་བར་རྒྱབ་སྐྱོར་བྱེད་པའི་ཐད་བེད་སྤྱོད་བྱ་རྒྱུ།   ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་ལས་གྲོང་གསེབ་ཚན་པས་ནོར་སྲིད་ཚན་པ་དང་མཉམ་དུ་རྨོ་ཞིང་གི་རྒྱ་ཁྱོན་དང་ལོ་ཏོག་རྨོ་འདེབས་ཀྱི་རྒྱ་ཁྱོན།   ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་འབབ།   འཕྲུལ་ཆས་ཉོ་བའི་དགོས་མཁོ།   ཕན་འབྲས་དོ་དམ།   སྒྲིག་འགལ་ཐག་གཅོད།   ལོ་དེའི་མ་དངུལ་བེད་སྤྱོད་བྱེད་ཚུལ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་ཡོངས་ནས་བསམ་གཞིགས་བྱས་ཏེ།   ས་ཁོངས་དེ་གའི་མ་དངུལ་གྱི་དགོས་མཁོ་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལེན་རྩིས་རྒྱག་བྱ་རྒྱུ།   རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་ལོ་འཁོར་སྔོན་རྩིས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་མ་དངུལ་བགོ་འགྲེམས་ལམ་ལུགསཚོད་ལྟའི་ལག་བསྟར)》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།    ལྗོངས་ཡོངས་ཀྱི་ཁ་གསབ་མ་དངུལ་བགོ་འགྲེམས་གྲོས་འགོ་འདོན་པའི་འགན་འཁུར་དགོས།   བགོ་འགྲེམས་གྲོས་འགོར་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཞིབ་དཔྱད་གཏན་འཁེལ་བྱས་པ་བརྒྱུད།   ས་གནས་གྲོང་ཁྱེར་ཡང་ན་རྫོང་ཆུདནོར་སྲིད་ཚན་པར་གསལ་བཤད་བྱ་རྒྱུ།   ལོ་གོང་མའི་མ་དངུལ་ལྷག་འཕྲོ་ལོ་རྗེས་མར་མུ་མཐུད་བེད་སྤྱོད་གཏོང་ཆོག    ལོ་གཉིས་བསྟུད་མར་བེད་སྤྱོད་བཏང་མི་ཚར་ཚེ།   གསོག་ཐེབས་མ་དངུལ་ཕན་སྒྱུར་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།   མ་དངུལ་ལྷག་འཕྲོ་བསྡོམས་རྩིས་བརྒྱབ་ནས་རྩིས་ཁུངས་སྤོས་པའི་གྲངས་འབོར་ཆེ་བའི་ས་གནས་ལ་མ་དངུལ་བཀོད་སྒྲིག་མི་བྱེད་པའམ་བཀོད་སྒྲིག་ཉུང་ཙམ་བྱ་རྒྱུ།   རྒྱལ་དབང་ཞིང་ར་དང་ཤིན་ཏུ་དབུལ་བའི་ས་ཁུལ།   མཐའ་མཚམས་ས་ཁུལ།   གནོད་འཚེ་ཕོག་ནས་བསྐྱར་སྐྲུན་བྱེད་ཁུལ་སོགས་ས་ཁོངས་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་དེ་ས་གནས་གྲོང་ཁྱེར་དང་རྫོང་ཆུདདེ་གའི་ཞིང་འཕྲུལ་ཉོ་སྒྲུབ་ལ་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱེད་པའི་ཁྱབ་ཁོངས་སུ་འཇུག་རྒྱུ།  

ལག་བསྟར་བྱེད་མཁན་རྫོང་ཆུདཁག་གི་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་མ་དངུལ་ལྷག་འཕྲོ་བྱུང་ཚེ་དུས་ཐོག་ཏུ་མ་དངུལ་གཙང་བཤེར་དང་འཕྲོས་སྒྱུར་བྱེད་པའི་ལས་དོན་སྤེལ་དགོས་ཤིང་།ས་གནས་གྲོང་ཁྱེར་གྱི་ཞིང་ལས་གྲོང་གསེབ་ཚན་པས་ལོ་འཁོར་གཞིར་བཟུང་རང་མངའ་ཁོངས་ཀྱི་ཁ་གསབ་མ་དངུལ་ལྷག་འཕྲོའི་གནས་ཚུལ་ལ་ཕྱོགས་བསྡོམས་བྱས་ཏེ་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ལ་གོང་ཞུ་བྱེད་དགོས་པ་དང་།རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་ཆ་འཕྲིན་རམ་འདེགས་དོ་དམ་མ་ལག་ནང་མ་དངུལ་འཕྲོས་སྒྱུརཟུར་ཡིག་2པབྱེད་རྒྱུའི་འགན་འཁུར་དགོས།འཕྲོས་སྒྱུར་མ་དངུལ་དེ་འཕྲོས་སྒྱུར་བྱས་རྗེས་ཀྱི་ལོ་དེའི་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་རྒྱུ།རིམ་ཁག་ནོར་སྲིད་ཚན་པས་ཞིང་ལས་གྲོང་གསེབ་ཚན་པ་དང་མཉམ་དུ་མ་དངུལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།དུས་ཚོད་གཏན་འཁེལ་ཐོག་མ་དངུལ་བེད་སྤྱོད་བྱས་རིམ་བཀོད་གཏོང་དང་ཁྱབ་བསྒྲགས་བྱེད་པ་དང་།ས་ཁོངས་ནང་གི་མ་དངུལ་ལྷག་ཆད་བྱུང་བར་བབ་བསྟུན་སྙོམས་སྒྲིག་བྱས་ནས་མ་དངུལ་འབོར་ཆེན་འཕྲོས་སྒྱུར་མི་ཡོང་བ་བྱེད་དགོས།

དེ་དང་ཆབས་གཅིགནུས་གྲོན་ཆེ་ཞིང་།སྦགས་བཙོག་མང་བ།བདེ་འཇགས་དེ་ཙམ་མེད་པའི་ཞིང་འཕྲུལ་རྙིང་གོག་གི་གྲས་ཕྱིར་འབུད་བྱེད་ཆེད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་།ནོར་སྲིད་ཐིང་།ཚོང་དོན་ཐིང་བཅས་ཀྱིས་ལྗོངས་ཡོངས་ཀྱི་ཞིང་འཕྲུལ་ཅན་གྱི་དགོས་མཁོར་གཞིགས་ཏེ་ཞིང་འཕྲུལ་མཁོ་མེད་གསར་བརྗེས་ཀྱི་ཁ་གསབ་ཚོད་ལྟའི་སྲིད་ཇུས་ཞིབ་འཇུག་གཏན་འབེབས་བྱས་ནས་ས་གནས་གྲོང་ཁྱེར་དང་རྫོང་ཆུདཁ་ཤས་ལ་ཚོད་ལྟ་བྱ་རྒྱུ།

ལྔ་པ།བཀོལ་སྤྱོད་བྱེད་རིམ།

རང་ལྗོངས་ཀྱིས་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་ཐད་རང་མོས་ཀྱིས་འཕྲུལ་ཆས་ཉོ་སྒྲུབ་དང་།སྔོན་ལ་ཉོས་ནས་རྗེས་སུ་ཁ་གསབ་སྤྲོད་པ། ས་གནས་ས་ཐོག་ཏུ་ཞིབ་དཔྱད་བྱེད་པ། རྫོང་རིམ་པས་དུས་རྩིས་རྒྱག་པ།ཐད་ཀར་ཁ་གསབ་གྰ་ནང་རྒྱག་པ་བཅས་ཀྱི་བྱ་ཐབས་སྤྱོད་རྒྱུ་དང་།སྲིད་ཇུས་དོ་དམ་དང་མ་དངུལ་རྩིས་སྤྲོད་ཐད་བརྒྱུད་འཚོང་མཁན་མེད་པ་བྱེད་རྒྱུ།

གཅིགལག་བསྟར་གཏན་འབེབས་ཁྱབ་བསྒྲགས་བྱ་རྒྱུ།ལྗོངས་ཡོངས་ཀྱི་ཞིང་ལས་གྲོང་གསེབ་ཚན་པ་དང་ནོར་སྲིད་ཚན་པས་ལས་འགན་ཁག་བགོས་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་མངའ་ཁོངས་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་སྲིད་ཇུས་ཆ་འཕྲིན་འགྲེམས་སྤེལ་བྱ་རྒྱུ།   དཔེར་ན་ལག་བསྟར་ཇུས་གཞིབྱ་ཐབསདང་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་སོགས་ཀྱི་ཆ་འཕྲིན། 

གཉིསཞིང་ལས་འཕྲུལ་ཆས་ཡིགས་ཚགས་ནང་འཇུག་རྒྱུའི་སྒྲིག་འཛུགས་བྱ་རྒྱུ།རང་མོས་ཀྱིས་ཞིང་ལས་འཕྲུལ་ཆས་ཁ་གསབ་ཉོ་སྒྲུབ་ནང་ཞུགས་མཁན་ཞིང་འཕྲུལ་ཐོན་སྐྱེད་ཁེ་ལས་ཡོད་ཚེ་གཏན་འབེབས་ལྟར་འབྲེལ་ཡོད་དཔྱད་གཞི་སྐྱེལ་དགོས།རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་རྣམ་པར་ཞིབ་བཤེར་གཏན་འབེབས་སྒྲིགས་འཛུགས་སྤེལ་རྒྱུ་དང་གཅིག་བསྡུས་ཐོག་ཁ་གསབ་དངུལ་གྲངས་རེའུ་མིག་དང་ཁ་གསབ་ཐོན་རྫས་ཡིག་ཚགས་ནང་འཇུག་རྒྱུའི་རེའུ་མིག་སོགས་ཡོངས་བསྒྲགས་བྱ་རྒྱུ།རང་ལྗོངས་ཀྱི་ཞིང་འཕྲུལ་ཁ་གསབ་ཉོ་སྒྲུབ་ཀྱི་འཕྲུལ་ཆས་གཅིག་གྱུར་ཐོག་བོད་རང་སྐྱོང་ལྗོངས་ཞིང་འཕྲུལ་ཁ་གསབ་ཉོ་སྒྲུབ་ཐོན་རྫས་ཀྱི་རང་བཀོལ་ཡིག་ཚགས་ནང་འཇུག་རྒྱུའི་མ་ལག་བེད་སྤྱོད་བྱེད་དགོས། རྩ་དོན་ཐོག་ལོ་ལྟར་ལོ་སྟོད་དང་ལོ་མཇུག་ལ་འཕྲུལ་ཆས་ཡིག་ཚགས་ནང་འཇུག་པའི་ལས་དོན་ཐེངས་རེ་སྤེལ་དགོས།ཐོན་རྫས་ཡིག་ཚགས་ནང་འཇུག་པའི་ཞིབ་ཕྲའི་དུས་ཚོད་དང་ལས་ཀའི་བླང་བྱ་ནི་བོད་རང་སྐྱོང་ལྗོངས་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ཆེད་སྒྲོམ་ནང་ལོགས་སུ་ཡོངས་བསྒྲགས་བྱ་རྒྱུ་ཡིན།

(གསུམ)རང་མོས་ཀྱིས་ཉོ་སྒྲུབ་དང་ཡང་ན་གཅིག་བསྡུས་ཀྱིས་མཁོ་འདོན་བྱེད་པ།འཕྲུལ་ཆས་ཉོ་སྒྲུབ་མཁན་ཐོན་སྐྱེད་ཁེ་ལས་ཀྱིས་དམིགས་འཛུགས་བྱས་པའི་ཕྱིར་འཚོང་མཁན་དང་ཡང་ན་ཐད་འཚོང་ས་ཚིགས་ནས་འཕྲུལ་ཆས་འདེམས་ཉོ་བྱེད་དགོས་པ་དང་འཕྲུལ་ཆས་ཉོ་སྒྲུབ་ཀྱི་བྱ་སྤྱོད་དང་ཉོ་སྒྲུབ་བྱས་པའི་དངོས་ཡོད་རང་བཞིན་ལ་འགན་འཁུར་དགོས་ལ་དེ་མཚུངས་ཀྱི་འགན་འཁྲི་འཁུར་དགོས།ཞིང་འཕྲུལ་ཕྱིར་འཚོང་ཁེ་ལས་ཀྱིས་འཕྲུལ་ཆས་ཉོ་སྒྲུབ་མཁན་ལ་ཉོ་སྒྲུབ་བྱས་པའི་འཕྲུལ་ཆས་ཀྱི་ཆ་འཕྲིན་རྫོང་ (ཆུད)གི་ཞིང་ལས་གྲོང་གསེབ་ཚན་པར་གོང་ཞུ་བྱ་རྒྱུའི་གཞོགས་འདེགས་བྱེད་དགོས།འཕྲུལ་ཆས་ཉོ་སྒྲུབ་རིན་དངུལ་དེ་དངུལ་སྨར་མ་ཡིན་པའི་གཏོང་སྤྲོད་བྱ་ཐབས་སྤྱད་རྒྱུར་སྐུལ་མ་གཏོང་དགོས་དེ་ནི་ཉོ་སྒྲུབ་བྱ་སྤྱོད་ལ་སྟབས་བདེ་ཡོད་པ་མ་ཟད་མ་དངུལ་འགྲོ་འོང་གི་བརྒྱུད་རིམ་ཧྲིལ་པོ་གསལ་པོར་མཐོང་ཐུབ།འཕྲུལ་ཆས་ཉོ་སྒྲུབ་མཁན་ལ་རང་ཉིད་ནས་ཉོ་སྒྲུབ་བྱས་པའི་ཁ་གསབ་འཕྲུལ་ཆས་ཀྱི་བདག་དབང་ཡོངས་སུ་དབང་བས་རང་བཀོལ་གྱིས་བེད་སྤྱོད་དང་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་ཐག་གཅོད་བྱེད་ཆོག

རང་ལྗོངས་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་པ་ད་དུང་རྫོང་ (ཆུད)མང་ཆེ་བར་ཞིང་འཕྲུལ་ཕྱིར་འཚོང་ས་ཚིགས་མེད་པས་འཕྲུལ་ཆས་ཉོ་སྒྲུབ་བྱེད་པའི་ལམ་ཐག་རིང་བ་དང་མ་གནས་མཐོ་བ་བདེ་འཇགས་ལ་འགན་སྲུང་མེད་པ་བཅས་ཡིན་པར་གཞིགས་ཏེ་འཕྲུལ་ཆས་ཉོ་སྒྲུབ་མཁན་གྱི་རང་མོས་ཀྱི་གདམ་གའི་དབང་ཆར་བརྩི་འཇོག་གང་ལེགས་བྱས་པའི་རྨང་གཞིའི་ཐོག་རྣམ་གྲངས་ལག་བསྟར་བྱེད་པའི་རྫོང་ (ཆུད)ལ་འཕྲུལ་ཆས་ཉོ་སྒྲུབ་མཁན་གྱི་དགོས་མཁོ་ལྟར་གཅིག་གྱུར་ཐོག་ཚོང་ཟོག་མཁོ་འདོན་བྱ་རྒྱུ་དང་གཅིག་གྱུར་ཐོག་མཁོ་འདོན་བྱ་ཐབས་ཀྱི་རྣམ་པ་གཏན་འཇགས་མ་ཡིན་པར་ཕྱིར་འཚོང་མཁན་དང་རྫོང་ (ཆུད)གི་ཞིང་ལས་གྲོང་གསེབ་ཚན་པས་བདེ་འཇགས་དང་།སྟབས་བདེ།མྱུར་པོ་བཅས་ཀྱི་རྩ་དོན་ལྟར་གྲོས་མོལ་གཏན་འཁེལ་བྱ་རྒྱུ་མ་ཟད་ཕྱིར་འཚོང་བྱས་པའི་ཆ་འཕྲིན་གཅིག་བསྡུས་ཐོག་ཐོ་འཇུག་ལས་དོན་སྤེལ་ཆོག

(བཞི)ཁ་གསབ་མ་དངུལ་སྙན་ཞུ་དང་འཕྲུལ་ཆས་ལ་ཞིབ་བཤེར་རྩིས་ལེན་བྱ་རྒྱུ།འཕྲུལ་ཆས་ཉོ་སྒྲུབ་མཁན་གྱིས་རང་མོས་ཐོག་རྫོང་ (ཆུད)གི་ཞིང་ལས་གྲོང་གསེབ་ཚན་པར་འབྲེལ་ཡོད་ཀྱི་དཔྱད་གཞི་གོང་འབུལ་བྱེད་དགོས་པ་དང་ཁ་གསབ་མ་དངུལ་སྙན་ཞུའི་འགྲོ་ལུགས་གཉེར་དགོས་པ་མ་ཟད་འཕྲུལ་ཆས་ཉོ་སྒྲུབ་ཀྱི་བྱ་སྤྱོད་དང་འཕྲུལ་ཆས་ཉོ་སྒྲུབ་ཀྱི་དངོས་ཡོད་རང་བཞིན་ལ་འགན་འཁུར་དགོས་པ་དང་དེ་མཚུངས་ཀྱི་འགན་འཁྲི་འཁུར་དགོས།འབྲེལ་ཡོད་སྙན་ཞུའི་དཔྱད་གཞི་དང་དེའི་བདེན་པའི་རང་བཞིན།ཆ་ཚང་རང་བཞིན།གོ་ཆོད་རང་བཞིན་བཅས་ནི་འཕྲུལ་ཆས་ཉོ་སྒྲུབ་མཁན་དང་ཁ་གསབ་འཕྲུལ་ཆས་ཕྱིར་འཚོང་བྱེད་མཁན་ཁེ་ལས་ཀྱིས་འགན་འཁུར་དགོས་པ་དང་དེ་མཚུངས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་འགན་འཁྲི་འཁུར་དགོས།རྫོང་ (ཆུད་)གི་ཞིང་ལས་གྲོབ་གསེབ་ཚན་པས་འཕྲུལ་ཆས་ཉོ་སྒྲུབ་མཁན་གྱི་ཐོབ་ཐང་སོགས་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ལ་ཐོ་འཇུག་བྱེད་དགོས་མ་ཟདབོད་རང་སྐྱོང་ལྗོངས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་ཀྱི་འཕྲུལ་ཆས་དཔྱད་བཤེར་ལམ་ལུགས(ཚོད་ལྟའི་ལག་ལེན)གཞིར་བཟུང་འཕྲུལ་ཆས་ལ་དཔྱད་བཤེར་བྱེད་དགོས།ཁ་གསབ་དངུལ་གྲངས་སྒོར་ཁྲི་གཅིག་ཡན་གྱི་འཕྲུལ་ཆས་ལ་ངེས་པར་དུ་ས་ཡུལ་དངོས་ནས་ཞིབ་དཔྱད་བྱས་ཏེ་མི་དང་།འཕྲུལ་ཆས།འཛིན་ཤོག་བཅས་མཐོང་རྒྱུ་ཡོད་པ་དགོས།མ་ཟད་བོད་རང་སྐྱོང་ལྗོངས་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ཀྱི་འཕྲུལ་ཆས་དཔྱད་བཤེར་རེའུ་མིག་འབྲི་དགོས་པ་དང་(ཟུར་མཆན་3པར་གསལ)དེའི་ཐོག་འཕྲུལ་ཆས་ཉོ་སྒྲུབ་མཁན་དང་དཔྱད་བཤེར་མི་སྣས་ངེས་པར་དུ་མཆན་འགོད་དགོས།

 (ལྔ)མ་དངུལ་རྩིས་རྒྱགཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་མ་དངུལ་རྩིས་རྒྱག་གོ་རིམ་སྟབས་བདེ་དང་རྩིས་རྒྱག་འཕེལ་རིམ་མགྱོགས་སུ་གཏོང་ཕྱིར་རང་ལྗོངས་ཀྱི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་མ་དངུལ་ཐད་རྫོང་རིམ་པས་རྩིས་རྒྱག་ལམ་ལུགས་ལག་བསྟར་བྱ་རྒྱུ་དང་རྫོང་རིམ་པའི་ནོར་སྲིད་ཚན་པས་ཁ་གསབ་བྱས་པའི་དངུལ་ཐད་ཀར་དངུལ་ཁང་གྰ་ནང་འཇུག་པའི་བྱ་ཐབས་སྤྱད་དེ་འཕྲུལ་ཆས་ཉོ་སྒྲུབ་མཁན་ལ་ཁ་གསབ་དངུལ་སྤྲོད་རྒྱུ།

རྫོང་ (ཆུད)གི་ཞིང་ལས་གྲོང་གསེབ་ཚན་པས་མ་ལག་སྙན་ཞུའི་རྩིས་རྒྱག་ནུས་པ་སྤྱད་ནས་དུས་བཀག་ནང་ཁག་དབྱེ་ཏེ་མ་དངུལ་གཏོང་ལེན་གྱི་རྩིས་ཁྲ་པར་འདེབས་བྱས་ནས་རྩིས་ཁྲའི་ནང་དོན་ཉིན་30ལས་མི་ཉུང་བའི་སྤྱི་བསྒྲགས་བྱེད་དགོས་པ་དང་སྤྱི་བསྒྲགས་ནང་དོན་ལ་བསམ་འཆར་མེད་ཚེ་རྫོང་(ཆུད)གི་ནོར་སྲིད་ཚན་པར་དཔོད་དགོས།ཁག་སོ་སོའི་མ་དངུལ་གྱི་བར་མཚམས་དུས་ཚོད་དེ་ལས་ཀའི་དུས་ཚོད་ཀྱི་ཉིན་20ལས་བརྒལ་མི་ཆོགརྫོང་ (ཆུད)གི་ནོར་སྲིད་ཚན་པས་ལས་ཀའི་དུས་ཚོད་ཉིན་10ཡི་ནང་མ་དངུལ་གཏོང་ལེན་གྱི་རྩིས་ཁྲ་ལྟར་འཕྲུལ་ཆས་ཉོ་སྒྲུབ་མཁན་ལ་ཁ་གསབ་མ་དངུལ་གཏོང་སྤྲོད་དོན་འཁྱོལ་བྱེད་དགོས།སྒྲིག་སྦྱོར་རིགས་དང་།སྒྲིག་ཆས་རིགས་ཡང་ན་བདེ་འཇགས་ཀྱི་ཉེན་ཁ་ཆེ་བའི་ཁ་གསབ་འཕྲུལ་ཆས་ཡིན་ཚེ་ཐོན་སྐྱེད་དང་བཀོལ་སྤྱོད་དུས་ཡུན་ངེས་ཅན་བྱས་རྗེས་ཁ་གསབ་མ་དངུལ་གཏོང་སྤྲོད་བྱེད་ཆོགཞིབ་ཕྲའི་དུས་ཚོད་དེ་རྫོང་ (ཆུད)གི་སྲིད་ཇུས་ལག་བསྟར་འགོ་ཁྲིད་ཚོགས་ཆུང་ནས་ཚོད་འཛིན་བྱ་རྒྱུ།

དྲུག་པ།ལས་ཀའི་བླང་བྱ།

(གཅིག)འགོ་ཁྲིད་ལ་ཤུགས་སྣོན་དང་གཞོགས་འདེགས་ཧུར་ཐག་བྱ་རྒྱུ།ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་ལས་གྲོང་གསེབ་ཚན་པ་དང་ནོར་སྲིད་ཚན་པས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིན་དང་གཞོགས་འདེགས་ཧུར་ཐག  ལས་བཟོར་ལས་བགོས་ཁ་གསལ་བཅས་བྱས་ནས་ལས་ཀའི་ནུས་ཤུགས་མཉམ་འདོན་ཐུབ་པ་བྱེད་དགོས།ཁ་གསབ་ལས་དོན་གྱི་ལས་སྒོའི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་སྲིད་གཙང་ཉེན་བརྡའི་སློབ་གསོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ་ཁ་གསབ་ལས་དོན་མི་སྣའི་ལས་སྒོའི་བྱང་ཚད་དང་ལས་ཀའི་ནུས་པ་གོང་མཐོར་བཏང་ནས་ཁ་གསབ་ལས་དོན་ལག་བསྟར་ལ་དགོས་ངེས་ཀྱི་སྒྲིག་འཛུགས་དོ་དམ་གྲོན་དངུལ་དོན་འཁྱོལ་བྱེད་དགོས།ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཐོན་པའི་གནས་ཚུལ་ལ་ཐག་གཅོད་ཞིབ་འཇུག་ནན་ཏན་བྱས་ཏེ་ཚབས་ཆེ་བའི་གནད་དོན་དུས་ཐོག་ཏུ་གོང་རིམ་ཚན་པར་སྙན་ཞུ་བྱེད་དགོས།

        རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་ནོར་སྲིད་ཐིང་གིས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཏེ་ཆ་འཕྲིན་ཅན་གྱི་དོ་དམ་ཆུ་ཚད་གོང་མཐོར་བཏང་ཐོག་ཁ་གསབ་མ་དངུལ་བགོ་འགྲེམས་སྙོམ་སྒྲིག་དང་།ཁ་གསབ་ཁྱབ་ཁོངས་གཏན་འཁེལ།ཁ་གསབ་དངུལ་གྲངས་ཚོད་རྩིས་དང་།ཁ་གསབ་འཕྲུལ་ཆས་ཡིག་ཚགས་ནང་འཇུག་རྒྱུ།སྒྲིག་འགལ་གྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་སོགས་ཀྱི་ལས་དོན་གང་ལེགས་སྒྲུབ་དགོས།ས་གནས་ཁག་ལ་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་གཏན་འབེབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་མཛུབ་སྟོན་བྱེད་དགོས།

ས་གནས་གྲོང་ཁྱེར་རིམ་པའི་ཞིང་ལས་གྲོང་གསེབ་ཚན་པ་དང་ནོར་སྲིད་ཚན་པས་རྫོང་རིམ་པའི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ལས་དོན་ལ་མཛུབ་སྟོན་བྱ་རྒྱུ་ཤུགས་ཆེར་བཏང་ནས་གཙོ་གནད་ཐོག་རྫོང་རིམ་པའི་ཁ་གསབ་ཞིབ་དཔྱད་ཇུས་གཞི་དང་།ཁ་གསབ་མ་དངུལ་དགོས་མཁོའི་ཞིབ་དཔྱད།ལྟ་སྐུལ་ཞིབ་བཤེར།སྒྲིག་འགལ་ཞིབ་བཤེར་ཐག་གཅོད་སོགས་ཀྱི་ལས་དོན་སྤེལ་དགོས།

རྫོང་ (ཆུད)རིམ་པའི་ཞིང་ལས་གྲོང་གསེབ་ཚན་པ་དང་།ནོར་སྲིད་ཚན་པས་རིམ་པ་འདི་གའི་སྲིད་གཞུང་གི་འགོ་ཁྲིད་འོག་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་དགོས་པ་དང་ཐུན་མོང་ཐོག་ཁ་གསབ་མ་དངུལ་དགོས་མཁོའི་མཐིལ་རྟོགས་བརྟག་དཔྱད་དང་ཁ་གསབ་བྱ་ཡུལ་གཏན་འཁེལ།ཁ་གསབ་འཕྲུལ་ཆས་ལ་ཞིབ་དཔྱད།ཁ་གསབ་མ་དངུལ་གཏོང་སྤྲོད།སྒྲིག་འགལ་བྱ་སྤྱོད་ཐག་གཅོད་སོགས་ཀྱི་ལས་དོན་གང་ལེགས་སྒྲུབ་དགོས།གལ་ཆེའི་གནད་དོན་ངེས་པར་དུ་རྫོང་རིམ་པའི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་འགོ་ཁྲིད་ཚོགས་ཆུང་ལ་རྩིས་སྤྲོད་བྱས་ནས་མཉམ་སྡེབ་ཐོག་ཞིབ་འཇུག་གཏན་འཁེལ་བྱེད་དགོས།

(གཉིས)བཀོལ་སྤྱོད་ཚད་ལྡན་དང་ཕན་འབྲས་མཐོ་བའི་ཞབས་འདེགས་ཞུ་རྒྱུ།ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ཆ་འཕྲིན་རམ་འདེགས་དོ་དམ་མ་ལག་དང་ཁ་གསབ་ཐོན་རྫས་ཀྱི་རང་བཀོལ་ཡིག་ཚགས་ནང་འཇུག་རྒྱུའི་མ་ལག་ཁྱོན་ཡོངས་ནས་བེད་སྤྱོད་བྱས་ཏེ་སྲིད་ཇུས་ལག་བསྟར་ཆ་འཕྲིན་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་དགོས།ཆ་འཕྲིན་ཡིག་ཚགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་དང་།རྫོང་ (ཆུད)གིས་ཆེད་དོན་མི་སྣ་གཏན་འཁེལ་བྱས་ནས་དུས་ཐོག་ལ་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་ཀྱི་ཡིག་ཚགས་ཆ་འཕྲིན་བསྡུ་ལེན་དང་།ཐོ་འགོད།བསྡོམས་རྩིས།དབྱེ་ཞིབ་དེ་བཞིན་གོང་དཔོད་སོགས་ཀྱི་ལས་དོན་དང་ཁ་གསབ་གནས་ཚུལ་ཕྱོགས་བསྡོམས་ལས་དོན་བཅས་གང་ལེགས་སྒྲུབ་དགོས།

ཁ་གསབ་བྱ་ཡུལ་གྱིས་རང་མོས་ངང་ཕྱིར་འཚོང་མཁན་འདེམས་པའི་དབང་ཆར་བརྩི་འཇོག་བྱེད་པ་ལས་བཙན་བཤེད་ཀྱིས་འཕྲུལ་ཆས་ཉོ་སྒྲུབ་མཁན་ལ(ཡང་ན་གཞི་རིམ་ལ་གཅིག་གྱུར་གྱི་གཙོ་གཉེར་ཚན་པ་སྒྲིག་འཛུགས་བྱེད་པ)ཐོན་རྫས་དང་ཕྱིར་ཚོང་མཁན་དམིགས་འཛུགས་བྱེད་མི་ཆོགཐོན་རྫས་གཅིག་པ་ཁ་གསབ་ལོངས་སྤྱོད་བྱེད་མཁན་འཕྲུལ་ཆས་ཉོ་སྒྲུབ་མཁན་ལ་བཙོང་པའི་རིན་གོང་དེ་ཁ་གསབ་ལོངས་སྤྱོད་མི་བྱེད་མཁན་ལ་བཙོང་པའི་རིན་གོང་ལས་མཐོ་མི་ཆོག

ཁ་གསབ་སྙན་ཞུའི་བདག་སྤྲོད་དང་།དམིགས་ཚད་གཏན་འཁེལ།འཕྲུལ་ཆས་དཔྱད་ཞིབ།ཕན་ཁེ་སྤྱི་བསྒྲགས་སོགས་ཀྱི་ལས་དོན་ཇེ་མགྱོགས་སུ་བཏང་ནས་ཆ་རྐྱེན་ཡོད་སར་སྤྱི་བདེ་ཚན་པ་དང་འགྲིམ་འགྲུལ་ཚན་པ་མཉམ་འབྲེལ་ཐོག་ཁ་གསབ་འཕྲུལ་ཆས་ལ་འཁོར་བྱང་དོ་དམ་ལག་ལེན་བྱས་ཏེ་ཕན་ཁེ་ཐོབ་མཁན་ཐེམ་དུད་ལ་རིན་མེད་ཀྱིས་འཁོར་བྱང་གཉེར་རྒྱུ་སྐུལ་ལྕག་གཏོང་རྒྱུ།

ཁ་གསབ་སྤྲོད་པའི་འཕྲུལ་ཆས་ཀྱི་དཔྱད་ཞིབ་ལས་རིམ་འཐུས་སྒོ་ཚང་དུ་བཏང་ནས་གཙོ་གནད་ཐོག་འཕྲུལ་ཆས་ཆེ་འབྲིང་གི་དཔྱད་ཞིབ་དང་།མི་གཅིག་ལ་འཕྲུལ་ཆས་མང་པོ་ཡོད་པ།དུས་ཐུང་ནང་འབོར་གྲངས་མང་བ་སོགས་ཀྱི་རྒྱུན་གཏན་མིན་པའི་ཁ་གསབ་སྙན་ཞུའི་གནས་ཚུལ་ལ་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།འཕྲུལ་ཆས་ཉོ་སྒྲུབ་མཁན་གྱི་དོན་དངོས་རང་བཞིན་ཁས་ལེན་དང་།ཕན་ཁེ་ཐོབ་པའི་ཆ་འཕྲིན་དུས་ཐོག་ལ་སྤྱི་བསྒྲགས།ལས་དོན་བསྒྲུབས་ཟིན་རྗེས་ཟུར་བཤེར་དཔྱད་ཞིབ་ཕན་ཚུན་ཟུང་འབྲེལ་གྱི་ཁ་གསབ་འཕྲུལ་ཆས་ལྟ་འདོམས་བྱ་ཐབས་འཚོལ་ཞིབ་བཅས་ཧུར་ཐག་བྱེད་དགོས།

(གསུམ)ཆ་འཕྲིན་ཡོངས་བསྒྲགས་དང་ལྟ་སྐུལ་དང་ལེན་བྱ་རྒྱུ།ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་འཕྲུལ་ཅན་གྱི་གཙོ་གཉེར་ཚན་པས་སྲིས་ཇུས་དྲིལ་བསྒྲགས་ལ་སྔར་བས་ཤུགས་སྣོན་བརྒྱབ་ཏེ་སྤྱི་ཚོགས་ཐོག་སྤྱི་དམངས་ཀྱིས་ཤེས་རྟོགས་ཐུབ་ཚད་རྒྱ་ཆེར་གཏོང་དགོས།རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ཞིང་འཕྲུལ་ཉོ་སྒྲུབ་ཆ་འཕྲིན་སྤྱི་བསྒྲགས་ཆེད་སྒྲོམ་སྔར་བས་འཐུས་ཚང་དུ་བཏང་སྟེ་ཁ་གསབ་ལོངས་སྤྱོད་ཀྱི་འཕྲུལ་ཆས་ཉོ་སྒྲུབ་མཁན་གྱི་ཆ་འཕྲིན་དང་།ལག་བསྟར་ཇུས་གཞི།ཁ་གསབ་དངུལ་གྲངས་ཚད་གཞིའི་རེའུ་མིགབཀོལ་སྤྱོད་གོ་རིམ།ཁ་གསབ་འཕྲུལ་ཆས་ཀྱི་ཆ་འཕྲིན་རེའུ་མིགབཏུག་བཤེར་བློ་འདྲི་བྱ་ཐབས།སྒྲིག་འགལ་ཐག་གཅོད་ཀྱི་མཇུག་འབྲས་སོགས་གཙོ་གནད་ཆ་འཕྲིན་ཁྱོན་ཡོངས་ནས་སྤྱི་བསྒྲགས་བྱེད་དགོས།རྫོང་རིམ་པའི་ཞིང་ལས་གྲོང་གསེབ་ཚན་པས་འོས་འཚམ་གྱི་བྱ་ཐབས་སྤྱད་དེ་ཁ་གསབ་མ་དངུལ་སྙན་ཞུའི་ཐོ་འགོད་འཕེལ་རིམ་དང་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་རེ་ཞུ་བྱེད་མཁན་གྱི་ཆ་འཕྲིན་དུས་ཐོག་ལ་ཡོངས་བསྒྲགས་བྱེད་དགོས། (ཟུར་ཡིག་4)

(བཞི)ལྟ་འདོམས་ལ་ཤུགས་སྣོན་དང་སྒྲིག་འགལ་ལ་ཆད་པ་ནན་པོ་གཅོད་རྒྱུ།རང་སྐྱོང་ལྗོངས་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་ཆ་འཕྲིན་ཡོངས་བསྒྲགས་དང་།བཏུག་བཤེར་ཐག་གཅོད།ལས་ཕྱོད་དཔྱད་ཞིབ།སྲིད་གཙང་ཉེན་འགོགལས་ཀའི་འགན་འཁྲི་བདའ་འདེད།རམ་འདེགས་མ་ལག་བཀོལ་སྤྱོད་སོགས་ཀྱི་ནང་ཁུངས་ཚོད་འཛིན་ལམ་ལུགས་ཡོངས་སུ་ཁྱབ་པ་བྱས་ཏེ་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ལས་དོན་གྱི་ནང་ཁུངས་ཚོད་འཛིན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་ལས་སྒོ་ཚད་ལྡན་དུ་བཏང་ནས་ལྟ་སྐུལ་ཚོད་འཛིན་ཤུགས་ཆེར་གཏོང་རྒྱུ།ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྣུར་སྲིང་གི་ལས་ཕྱོད་དོ་དམ་སྤེལ་ཏེ་ལས་ཕྱོད་དོ་དམ་དེ་ས་གནས་དང་རྫོང་ (ཆུད)ལ་སྣུར་སྲིང་བྱ་རྒྱུར་སྐུལ་སྤེལ་བཏང་ནས་མཇུག་འབྲས་བཀོལ་སྤྱོད་ དང་ལྟ་སྐུལ་དཔྱད་དཔོག་ལ་ཤུགས་སྣོན་རྒྱག་རྒྱུ།འཕྲུལ་ཆས་ཉོ་སྒྲུབ་མཁན་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་རིམ་ཁག་གི་ཞིང་ལས་གྲོང་གསེབ་དང་ནོར་སྲིད་ཚན་པས་འཕྲུལ་ཆས་ཉོ་སྒྲུབ་མཁན་གྱི་དངུལ་ཁང་གྰ་སོགས་ཀྱི་ཆ་འཕྲིན་རྣམ་པ་གང་རུང་གི་ཐོག་ནས་ཕྱིར་གྱར་མི་ཆོག  མ་ཟད་འབྲེལ་ཡོད་ཚན་པ་དང་གཞོགས་འདེགས་བྱས་ཏེ་ཁ་གསབ་ཆ་འཕྲིན་རྐུ་ཁྱེར་དང་།ལོག་ཚོང་།ཕྱིར་གྱར་དང་གློག་འཕྲིན་ཁ་བསླུས་རྒྱག་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ།

ཕྱོགས་ཡོངས་ནསཞིང་ལས་གྲོང་གསེབ་པུའི་གཞུང་དོན་ཐིང་དང་ནོར་སྲིད་པུའི་གཞུང་དོན་ཐིང་གིས་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་ལྟ་འདོམས་ སྔར་བས་ཤུགས་ཆེར་གཏོང་བའི་སྒྲིག་ཁྲིམས་ཚོད་འཛིན་གྱི་བརྡ་ཐོ(ཞིང་གཞུང་འཕྲུལ2019ཡིག་ཨང་6 པ་) དང་བོད་རང་སྐྱོང་ལྗོངས་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ཐོན་རྫས་ཀྱི་སྒྲིག་འགལ་ཚོང་གཉེར་བྱ་སྤྱོད་ཀྱི་ཐག་གཅོད་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཚད་ཤུགས་ཆེར་གཏོང་རྒྱུ་དང་ཡིད་རྟོན་མེད་པའི་བྱེད་པོར་ཐག་གཅོད་ནན་པོ་བྱ་རྒྱུ།ས་གནས་དང་རྫོང་ (ཆུད)གི་ཞིང་ལས་གྲོང་གསེབ་ཚན་པས་ཐེར་འདོན་ཁ་པར་ཤར་གཏོང་ཐུབ་པ་བྱེད་དགོས།ཐེར་འདོན་བཏུག་བཤེར་ལ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།མ་ཟད་རིམ་པ་བཞིན་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ལ་སྙན་སེང་ཞུ་དགོས་པ་དང་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ནོར་སྲིད་ཐིང་དང་མཉམ་དུ་གཏན་འབེབས་ལྟར་ཐག་གཅོད་བྱས་ནས་ཡིད་རྟོན་མེད་པའི་བྱེད་པོ་མིང་ཐོ་ནག་པོའི་ནང་འཇུག་རྒྱུ་དང་ཞིང་ལས་གྲོང་གསེབ་པུའུ་ལ་སྙན་ཞུ་བྱ་རྒྱུ་དང་བོད་རང་སྐྱོང་ལྗོངས་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ཆ་འཕྲིན་ཡོངས་བསྒྲགས་ཆེད་སྒྲོམ་ནང་སྤྱི་བསྒྲགས་བྱ་རྒྱུ།

བདུན་པ།   ཇུས་གཞི་དང་ཕྱོགས་བསྡོམས་གོང་དཔོད།

ས་གནས་གྲོང་ཁྱེར་དང་རྫོང་ཆུདཁག་གི་ཞིང་ལས་གྲོང་གསེབ་ཚན་པ་དང་ནོར་སྲིད་ཚན་པས་བྱ་ཐབས་འདི་གཞིར་བཟུང་།   དོན་དངོས་དང་ཟུང་སྦྲེལ་གྱིས་མ་དངུལ་གྱི་དུས་ཁག་ཕྱེ་ནས་རིམ་པ་དེ་གའི་ལག་བསྟར་ཇུས་གཞི་བཟོ་དགོས་པ་དང་ལོ་དེ་གའི་དུས་ཁག་གཉིས་པའི་ཁ་གསབ་མ་དངུལ་བེད་སྤྱོད་ཇུས་གཞིར་འགྱུག་ལྡོག་ཆེན་པོ་མེད་ན།   མ་དངུལ་བགོ་འགྲེམས་དང་མ་དངུལ་བེད་སྤྱོད་ཀྱི་གསལ་བཤད་ཐད་ཀར་པར་འགྲེམས་བྱས་ནས་དུས་ཁག་དང་པོའི་ཁ་གསབ་རྣམ་གྲངས་ལག་བསྟར་ཇུས་གཞི་ལྟར་ལག་བསྟར་བྱས་ན་ཆོག པར་འགྲེམས་བྱས་ནས་ལག་བསྟར་བྱེད་དགོས་པ་མ་ཟད།   རིམ་པ་གོང་མའི་ལས་སྒོ་གཙོ་གཉེར་ཚན་པ་དང་ནོར་སྲིད་ཚན་པར་དཔོད་ནས་ཡིག་ཚགས་སུ་འཇུག་དགོས།   ལག་བསྟར་ཇུས་གཞི་པར་འགྲེམས་མ་བྱས་པ་དང་ཐོ་དཔོད་མེད་ཚེ་ལོ་དེའི་རྣམ་གྲངས་ལག་བསྟར་བྱེད་མི་ཆོག

ལོ་ལྟར་སྤྱི་ཟླ་12ཚེས་1ཉིན་གྱི་གོང་དུ་ས་གནས་གྲོང་ཁྱེར་དང་རྫོང་ཆུདཁག་གི་སྲིད་ཇུས་གཙོ་གཉེར་ཚན་པས་ལོ་ཧྲིལ་པོའི་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་ལག་བསྟར་བྱས་ཚུལ་ཕྱོགས་བསྡོམས་སྙན་ཞུ་ རིམ་པ་གོང་མའི་ལས་སྒོ་གཙོ་གཉེར་ཚན་པ་དང་ནོར་སྲིད་ཚན་པར་དཔོད་དགོས།   ལོ་དེའི་ཕྱོགས་བསྡོམས་སྙན་ཞུ་དཔོད་མེད་ཚེ་ལོ་རྗེས་མའི་རྣམ་གྲངས་ལག་བསྟར་བྱེད་མི་ཆོག

ཟུར་ཡིག  1.བོད་རང་སྐྱོང་ལྗོངས་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྤྲོད་པའི་འཕྲུལ་ཆས་ཀྱི་རིགས་དང་ཁྱབ་ཁོངས་།

2.ལོ་འཁོར་མོའི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་དངུལ་ལྷག་འཕྲོ་བསྡོམས་རྩིས་བརྒྱབ་ནས་རྩིས་ཁུངས་སྤོས་པའི་རེའུ་མིག

3.བོད་རང་སྐྱོང་ལྗོངས་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ལ་ཁ་གསབ་སྤྲོད་པའི་འཕྲུལ་ཆས་ཞིབ་དཔྱད་རེའུ་མིག

4.ལོ་འཁོར་མོའི་རྫོང་གིརང་སྐྱོང་ལྗོངས།  གྲོང་ཁྱེར།  ས་གནསཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་དངུལ་ལོངས་སུ་སྤྱོད་མཁན་འཕྲུལ་འཁོར་ཉོ་མཁན་གྱི་ཆ་འཕྲིན་རེའུ་མིག